← 返回首页
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱི་དམངས་ཅན།

དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་གལ་འགངས་ཆེ་ཤོས་སུ་བརྩི་དགོས།

ཏང་ཡོན་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་སྲོག་ཤིང་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་གལ་ཆེ་ཤོས་སུ་བརྩིས་ནས། མི་སེར་གྱི་ཆེད་དུ་བྱ་བ་བཟང་པོ་ཇི་ཙམ་བསྒྲུབས་མིན་དེ་སྲིད་དོན་ལས་རྗེས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་དགོས་ཞེས་མཛུབ་སྟོན་ཟབ་མོ་གནང་ཡོད། གྲུབ་འབྲས་ཡག་པོ་ཡོད་མེད་ནི་མང་ཚོགས་ཀྱི་མྱོང་ཚོར་དངོས་ལ་བལྟས་ནས་མང་ཚོགས་ཀྱིས་ཤན་འབྱེད་བྱེད་དགོས།

ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུར་ཡག་པོ་སྐྱོད་དགོས།

སྔོན་ཆད་གནམ་ཆུ་ཁོ་ནར་བརྟེན་ནས་ལྟོ་གོས་འཚོལ་བའི་འབྲོག་ཁུལ་དུ་ད་ཆ་དེང་རབས་ཅན་གྱི་གསོ་ཚགས་རྟེན་གཞི་མང་པོ་བསྐྲུན་ཡོད། དེ་སྔ་བེད་མེད་དུ་ལུས་པའི་ས་མཐོའི་ཉི་ནུས་དང་ཆུའི་ཐོན་ཁུངས་དག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྗང་མདོག་གློག་ནུས་སུ་འགྱུར་བཞིན་ཡོད། དགའ་འོས་པའི་འགྱུར་ལྡོག་དེ་དག་གི་རྒྱབ་ཏུ་བོད་ཀྱི་དོན་དངོས་དང་འཚམ་པའི་ཁྱད་ལྡན་ཐོན་ལས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བའི་ལམ་བུ་ཞིག་ཡོད་པ་རེད།

ཕྱི་ནང་མཉམ་འདྲེས་བྱས་ནས་བོད་ཀྱི་དེང་རབས་ཅན་གྱི་ལམ་བུ་བཏིང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འགོད་པར་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་དང་། བགོ་འགྲེམས། འཁོར་རྒྱུག འཛད་སྤྱོད་བཅས་རྒྱལ་ནང་གི་ཁྲོམ་རར་མང་ཙམ་བརྟེན་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

མཐའ་བརྟན་མཐའ་དར་ལ་བརྟེན་ནས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས་དང་འཕེལ་རྒྱས་དང་བདེ་འཇགས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣      བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩