སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས།
“གྲོང་གསེབ་ཏུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཤང་འགན་གཙང་ལེན་གྱི་ཁྲིམས་དཔོན་སྒྲིག་འཛུགས་བྱས་ཏེ་མདོ་ཆོས་ཤང་གཡག་རུ་གྲོང་ཚོ་དང་གདོང་རྒྱ་གྲོང་ཚོར་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ཁྲིམས་སྐྱོང་གི་ཐུགས་ཁུར་གཞི་རིམ་འཐབ་ས་དང་པོར་བསྐྱལ་ནས། ཁྲིམས་འཛིན་ཞབས་ཞུས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་འགན་སྲུང་བྱ་ཆེད་རེད།
བྱེད་སྒོའི་ནང་། ཁྲིམས་དཔོན་གྱིས་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་ཚོགས་རར་དྲིལ་བསྒྲགས་བྱེད་པའི་སྔར་རྒྱུན་གྱི་བྱེད་ཐབས་བསྒྱུར་ཏེ། གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་དུ་མང་ཚོགས་དང་ངོ་འཕྲད་ཀྱིས་སེམས་རྩ་འཁོལ་པོས་སྤེལ་རེས་བྱས་ཤིང་། རྩྭ་རའི་རྩོད་གཞི་དང་། ཁྱིམ་མཚེས་བར་གྱི་འགལ་བ། གཉེན་སྒྲིག་ཁྱིམ་ཚང་། ཁ་བསླུས་སྔོན་འགོག་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ཁྲིམས་དཔོན་གྱིས་ཉེ་འཁོར་གྱི་དཔེ་མཚོན་གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ་དང་། ཁ་གསལ་གོ་བདེའི་སྐད་ཆའི་ལམ་ནས་ཁྲིམས་ལུགས་ཤེས་བྱར་འགྲེལ་བཤད་རྒྱག་པ། ངང་རྒྱུད་རིང་པོས་མང་ཚོགས་ཀྱི་ཁྲིམས་ལུགས་བློ་འདྲིར་ལན་རྒྱག་པ་བཅས་བྱས་པས། ཁྲིམས་ལུགས་གནད་དོན་དངོས་ཐག་གཅོད་ཏན་ཏིག་ཐུབ་ཡོད།
དེ་དང་ཆབས་ཅིག ཁྲིམས་དཔོན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས། ཁྲིམས་སྐྱོང་དགོངས་པ་དང་རྒྱལ་གཅེས་བརྩེ་སེམས་གཞི་རིམ་དུ་རྩ་བ་ཚུགས་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།